24639
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཆོས་བཅུ་གསུམ་དང་ལྡན་པ་ཞིག་དགོས་ཏེ། ཇི་སྐད་དུ། མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ། །གང་ལ་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་ཀྱང་མ་ཡིན་པ་ཉིད་དོ། །ཅེས་དང་། བསྙེན་པར་མ་རྫོགས་པ་དང་། ཉམས་པ་དང་། མཚམས་མེད་པ་བྱས་པ་དང་། སྡིག་པའི་ལྟ་བ་ཅན་དང་། ས་གཞན་ན་གནས་པ་དང་། ཐ་དད་པར་གནས་པ་རྣམས་ཀྱང་མ་ཡིན་ནོ། །འཁྲུལ་པ་དང་བཅས་པ་ཡང་ངོ་། །ཞེས་པས་བསྟན། མི་འདུག་པར་འགྲེང་བ་ནི་ཁ་སྐོང་དུ་མི་རུང་སྟེ། སྤྱོད་ལམ་ཐ་དད་པར་འདུག་པས་ཐ་དད་པ་ཉིད་དུ་གནས་བའི་ཕྱིར། གང་ལ་བསྐྲད་པ་ལ་སོགས་པའི་ལས་བྱ་བའི་ཡུལ་གྱི་དགེ་སློང་དེ་ཉིད་ཀྱང་ཁ་སྐོང་བ་ཉིད་མ་ཡིན་ཏེ། དཔེར་ན་དགེ་སློང་ལྷས་བྱིན་ལྟ་བུ་ལ་གནས་ནས་སྐྲོད་པ་ལ་དགེ་འདུན་འདུས་ནས་ལས་བྱེད་པ་ན་ལྷས་བྱིན་ཉིད་ཁ་སྐོང་དུ་མི་རུང་བ་བཞིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |