24677
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསམ་གཏན་གསུམ་པའི་གནས་རིས་ཀྱི་གོང་མའི་ལྷ་རྣམས་ཏེ། གནས་དེར་སྐྱེས་པའི་ལྷ་རྣམས་ནི་འཇིག་རྟེན་པའི་བསམ་གཏན་གྱི་བདེ་བ་མ་ལུས་པར་རྫོགས་པའམ་རྒྱས་པས་དགེ་རྒྱས་ཞེས་བྱ། ཡང་ན་ལྷ་དེ་དག་གི་དགེ་བ་ལས་ལྷག་པ་ལྷའི་རིས་མན་ཆད་གཞན་ལ་མེད་པས་དགེ་རྒྱས་ཞེས་བྱའོ། །དེ་དག་གི་ལུས་ཀྱི་ཚད་ནི་དཔག་ཚད་དྲུག་ཅུ་རྩ་བཞིའོ། །དེའི་གནས་ལ་ཉིན་མཚན་མེད་པས་དེའི་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་ཚད་ཀྱི་བསྐལ་པ་ཡིས་འཇལ་བ་ཡིན་ཏེ། འདི་ལྟར་ཚེ་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞིའོ། ། |
| Domain | ཆོས་ལུགས། |