24683
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐེག་ཆེན། དགེ་རྩ་ལ་གནོད་པ་སྐྱེལ་ཏེ་དགེ་བ་དེའི་ནུས་པ་ཞིག་ནུས་མེད་དུ་བྱས་པའམ་བཅོམ་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་ལུགས་ལ། ཁོང་ཁྲོས་དགེ་རྩ་འཇོམས་པའི་ཚུལ་ཡོད་དེ། དབུ་མ་སྙིང་པོའི་འགྲེལ་པར། ས་བོན་མེ་ཡིས་ཚིག་པ་ཕྱིས་རྐྱེན་དང་ཕྲད་ཀྱང་མྱུ་གུ་སྔོན་པོ་མི་འབྱུང་བ་དེ་བཞིན་དུ། གཉེན་པོ་སྟོབས་བཞིས་སྡིག་པ་དག་པ་དང༌། ཁོང་ཁྲོས་དགེ་རྩ་བཅོམ་པ་དེ་གཉིས་ཀྱིས་ཕྱིས་རྐྱེན་དང་ཕྲད་པ་ན་ཡང་རིམ་པ་བཞིན་དུ། རྣམ་སྨིན་ཡིད་མི་འོང་དང་ཡིད་འོང་འབྱིན་མི་ནུས་པར་གསུངས་པ་དེ་བཞིན་དུ་འཇོམས་པར་བྱེད་པའི་ཕྱིར། དེ་ཡང་ཁོང་ཁྲོ་སྐྱེས་མ་ཐག་ཏུ་དགེ་རྩ་འཇོམས་པ་མ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ནུས་པ་ལ་གནོད་པ་བྱས་པའི་སྒོ་ནས་འཇོམས་པར་བྱེད་པའི་ཕྱིར། དེ་ཡང་ཟད་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་བཤད་པའི་ཕྱིར། གནོད་པ་ཇི་ཙམ་བྱས་པ་དེ་ཉིད་ཕྱིས་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་གྱི་འབྲས་བུ་མི་འབྱིན་པ་ཡིན་གྱི། ཁོང་ཁྲོས་བཅོམ་པའི་དགེ་རྩ་ཡིན་ན། རྣམ་སྨིན་གྱི་འབྲས་བུ་ཡིད་འོང་མི་འབྱིན་པས་མ་ཁྱབ་སྟེ། ཟད་པ་ཆུང་ངུ་བྱས་པ་དེས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་ཡོད་པའི་ཕྱིར། དེར་ཐལ། དེས་གཏན་ཟད་དུ་བྱས་པ་མ་ཡིན་པའི་ཕྱིར། དེ་བཞིན་དུ་དམྱལ་བར་འཕེན་བྱེད་ཀྱི་ལས་བཤགས་སྡོམ་བྱས་པ་ལ་བརྟེན་ནས། རྣམ་སྨིན་དམྱལ་བར་མྱོང་བ་དག་ནས་ཚེ་འདིའི་མགོ་བོ་ཚ་བ་ཙམ་དུ་འགྱུར་བ་ཡོད་དེ། དབུ་མ་སྙིང་པོའི་འགྲེལ་པ་ལས། དམྱལ་བར་སྐྱེ་བའི་ལས་རྣམས་ལ་ནི། ཚེ་འདིར་མགོ་བོ་ཚ་བ་ཙམ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན་གཉིས་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཁོང་ཁྲོ་ལོག་ལྟ་སོགས་ཀྱིས་དགེ་རྩ་འཇོམས་ཚུལ་དེ་ལ་ཡང་གཉིས་ཡོད་དེ། ལམ་གསར་པ་མྱུར་དུ་སྐྱེ་བའི་ནུས་པ་ལ་གནོད་པ་བྱས་པ་དང༌། བདེ་འགྲོ་སོགས་ཀྱི་འབྲས་བུ་སྐྱེ་བ་ལ་གནོད་པ་བྱས་པ་གཉིས་ཡོད་པའི་ཕྱིར(འདི་དང་གོང་གི་དེ་གཅིག་པ་ཡིན། དེ་ལ་ཟད་པ་ཆེ་འབྲིང་ཆུང་གསུམ་ཡོད་)། ཞེས་གསུངས། |
| Domain | ཆོས་ལུགས། |