24709
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དག་སྡིག་ལས་ཀྱི་འཁྲུལ་འཁོར་ནི། འཁྲུལ་འཁོར་གཉིས་ཀྱི་ཡ་གྱལ། སྤྱོད་པ་རྟགས་ཀྱི་འཁྲུལ་འཁོར་གྱི་བྱེ་བྲག་ཅིག་ཡིན། འདི་ལ་ནང་གསེས་སུ། གསོ་བ་ཡོན་ཏན་གྱི་འཁྲུལ་འཁོར་དང་། གསོད་པ་ཕྲིན་ལས་དྲག་པོའི་འཁྲུལ་འཁོར། ཆོ་འཕྲུལ་གྱི་འཁྲུལ་འཁོར། ཆུ་འཁྱག་སེར་བའི་འཁྲུལ་འཁོར། ཐོག་སེར་སྐར་མདའི་འཁྲུལ་འཁོར་ལ་སོགས་པ་བསམ་གྱིས་མི་ཁྱབ་ཀྱང་། དེ་དག་ལས་བརྒྱ་རྩ་བརྒྱད་དུ་འདུས་ཤིང་། དེ་ཡང་བསྡུས་ན། ཞི་བ་ཟླ་བའི་དཀྱིལ་འཁོར་དུ་བསྐོར་བ། རྒྱས་པ་གླིང་ཆེན་རྒྱབ་ཏུ་བསྐོར་བ། དབང་བ་བཙུན་མོའི་མཁར་བསྐོར་བ། བསད་པ་གཤིན་རྗེའི་ལྟོ་བར་བསྐོར་བ། དགུག་འདྲེན་སེངྒེའི་སྙིང་གར་བསྐོར་བ། དབྱེ་བ་རྟ་གླང་འཐབ་པའི་བར་དུ་བསྐོར་བ། བསྐྲད་པ་རྔ་མོའི་འཕོངས་སུ་བསྐོར་བ། སྨྱོ་འབོག་ཤན་དམར་གྱི་རྒྱབ་ཏུ་བསྐོར་བ། ལྐུགས་པ་ལུག་གི་ཁོག་པར་བསྐོར་བ། མནན་པ་རི་རབ་རྨང་དུ་བསྐོར་བ་བཅས་ལས་བཅུར་འདུས་ཤིང་། དེ་ཡང་ཞི་རྒྱས་དབང་དྲག་གི་ལས་བཞིའམ། གསོ་བསད་ཀྱི་ལས་གཉིས་སུ་འདུས་པར་བཀའ་བརྒྱད་རྣམ་བཤད་དུ་གསུངས། |
| Domain | ཆོས་ལུགས། |