24710

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སྡིངས་ཁ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་དཀྱིལ་དུ་ཤངས་ཀྱི་ལྷ་ཕུར་ཟི་སྟོན་མ་རི་ཙེའི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་ཇོ་སྲས་ཨ་སེང་ཞེས་ཟེར། གཞོན་དུས་ནས་རབ་ཏུ་བྱུང་། གངས་པ་ཤེའུ་སོགས་མཁས་པ་མང་པོ་བསྟེན། དབུ་མ་དང་། སྤྱོད་ཕྱོགས་གསན། སློབ་དཔོན་རྒྱ་མ་བ་སོགས་ལས་ཡོ་ག་བཅས་གསང་སྔགས་མང་དུ་གསན། ཁྱུང་ཚང་ཡེ་ཤེས་བླ་མ་བསྟེན། སྙན་བརྒྱུད་ཀྱི་གདམས་ངག་ཞུས། མཉམ་པར་གཞག་པའི་ངང་ཚུལ་ཅན་ཞིག་ཡིན། རས་ཆུང་སྙན་བརྒྱུད་ཀྱི་བདག་པོར་གྱུར།