24712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སྤྱོད་ཡན་ལག་གསུམ་པ་ (1)
Part of speech མིང་ཚིག
Definition བོན། ཕྱག་འཚལ་ཞིང་བཤགས་པས་བསྡོམ། སྨོན་ལམ་བཏབ་པའི་ཡན་ལག་གསུམ་དང་ལྡན་པའི་དགེ་སྤྱོད་ཀྱི་ཆོ་གའམ་ལས་རིམ་ཞིག་ཡིན། དེ་ཡང་སྟོན་པ་འཆི་མེད་གཙུག་ཕུད་ལ་ལྷ་མོ་རྒོད་ལྕམ་དོན་འབར་མས་གུས་པ་བཅས་ཏེ་ཞུ་བ་ཞུས་པས། སྟོན་པ་ནས་ཀྱང་འདུས་པའི་འཁོར་རྣམས་ལ་ཇི་སྙེད་སྒྲིབ་པ་སྦྱངས་ཐབས་སུ་དགེ་སྤྱོད་ཟབ་མོའི་བོན་འདི་གསུངས་པ་སྟེ། བྱེད་སྒོ་ནི། རང་ཉིད་གཅིག་པུ་ཙམ་མིན་པར་ཁམས་གསུམ་སེམས་ཅན་ཡོད་ཚད་ཀྱི་དོན་དུ་སྙམ་པའི་ཀུན་སློང་གི་སེམས་བསྐྱེད་དེ། ཟབ་མོ་བོན་འདི་ལ་དུས་གསུམ་མམ་དུས་དྲུག་སོགས་ཅི་རིགས་ཀྱི་སྒོ་ནས་འཇུག་ཚུལ་བསྟན་ཡོད། དེ་བཞིན་སྒོམ་རིམ་བཅས་བདོག་པས་གཞུང་ལ་གཟིགས། བཀའ་འདི་ནི་སྙན་བརྒྱུད་དེ། བཀའ་འགྱུར་བརྒྱུད་རིམ་ལས་ལོ་ཡི་རྒྱལ་པོ་བྱི་བའི་ལོར་སྤྲུལ་སྐུ་བློ་ལྡན་སྙིང་པོ་༼འཁྲུངས་ལོ་༡༣༦༠༽ལ་སྙན་དུ་བརྒྱུད་ཅེས་གསུངས་པས་སོ། །
Domain ཆོས་ལུགས།