24718

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སྦྱོང་གི་ཆོས་ཀྱི་སྒྲིབ་པ་བརྒྱད་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བླ་མ་ལ་མི་གུས་པ། ཆོས་རྣམས་ལ་རིམ་གྲོ་མེད་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། མ་ཐོས་པའི་མདོ་སྡེ་སྤོང་བ། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པའི་ཆོས་ཀྱི་སྐྲག་པ། འདུས་མ་བྱས་ཀྱི་ཆོས་བསྟན་པ་ལ་མི་འཇུག་གིས་འདུས་བྱས་ཉིད་ཀྱི་རྗེས་སུ་སྙེག་པ། འདུ་བྱེད་རྣམས་མ་སྐྱེས་པ་ཞེས་ཐོས་ནས་སྐྲག་པ། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཐོས་ན་གཡང་ས་ཆེན་པོར་ལྷུང་བ་བཞིན་དུ་ལྟུང་བའོ། །
Domain ཆོས་ལུགས།