24726

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སྦྱོང་གི་ཚུལ་ (1)
Part of speech མིང་ཚིག
Definition དགེ་ཚུལ་སློང་གི་སྡོམ་པ་ལ་གོ་སྟེ། འདུལ་བ་ལུང་ལས། དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ། བཅོམ་པ། ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །ཞེས་གསུངས་པས།
Domain ཆོས་ལུགས།
དགེ་སྦྱོང་གི་ཚུལ་ (2)
Part of speech མིང་ཚིག
Definition ཟག་མེད་ཀྱི་བར་ཆད་མེད་ལམ་ཏེ། དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱེད་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་ཏེ། མདོ་ལས། འདིས་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས་རྒྱས་པར་རྒ་ཤིར་འགྱུར་པའི་བར་རྣམ་པ་དུ་མ་ཞི་བར་བྱ་བ་ཡིན་པས། དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་ནི་གཏན་དུ་ཞི་བར་མི་བྱེད་པའི་ཕྱིར་དོན་དམ་པའི་དགེ་སྦྱོང་མ་ཡིན་ནོ། །དེ་ཡང་དགེ་སྦྱོང་ནི་ཉོན་མོངས་པ་ཅི་རིགས་པར་གཏན་དུ་ཞི་བའི་རྒྱུད་དེ། འཕགས་པའི་གང་ཟག་ཡིན་ལ། ཉོན་མོངས་པ་གཏན་དུ་ཞི་བར་བྱེད་པའི་ཐབས་དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་བར་ཆད་མེད་ལམ་མོ། །དེས་ན་དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་བར་ཆད་མེད་ལམ་བརྒྱད་ཅུ་རྩ་དགུ་ཡོད་དོ། །རྣམ་གྲོལ་གྱི་ལམ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་སྟེ། འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ནོ། །དེ་དག་ཀྱང་མདོ་ལས་རྣམ་པ་བཞིར་གསུངས་སོ། །