24727
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་རྣམ་གྲོལ་ལམ་དང༌། འདུས་མ་བྱས་འགོག་བདེན་ཏེ། ཟག་མེད་བར་ཆད་མེད་ལམ་བརྒྱད་ཅུ་རྩ་དགུ་པོའི་འབྲས་བུ་འདུས་བྱས་རྣམ་གྲོལ་གྱི་ལམ་བརྒྱད་ཅུ་རྩ་དགུ་དང་དེ་དག་གི་སྤང་བྱ་ཟད་པའི་འགོག་པ་བརྒྱད་ཅུ་རྩ་དགུ་པོ་རྣམས་ཡིན་ནོ། །དེ་ཡང་རྣམ་གྲོལ་གྱི་ལམ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་སྟེ། འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ནོ། །དེ་དག་ཀྱང་མདོ་ལས་རྣམ་པ་བཞིར་གསུངས་སོ། །འདི་དག་ལས་འབྲས་བུ་དང་པོ་གསུམ་ནི་ཁམས་གསུམ་ལས་འདོད་པའི་ཁམས་ཁོ་ནར་འཐོབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །འབྲས་བུ་ཐ་མ་ནི་དགྲ་བཅོམ་པ་ཉིད་དེ། དེ་ནི་ཁམས་གསུམ་དུ་འཐོབ་བོ། ། |
| Domain | ཆོས་ལུགས། |