2474

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀེའུ་ཚང་ (1)
Part of speech མིང་ཚིག
Definition བྲག་ཕུག་གི་མིང་སྟེ།
Example ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ལེའུ་བདུན་མར། སྤ་གྲོ་སྟག་ཚང་བྲག་དམར་ཀེའུ་ཚང་དུ། །གདུག་པའི་བདུད་དང་མུ་སྟེགས་དམ་སྲི་འདུལ། །ཞེས་པ་ལྟ་བུ།

{{#arraymap:ཀེའུ་ཚང་

|; |@@@ | | }}

ཀེའུ་ཚང་ (2)
Part of speech མིང་ཚིག
Definition ལྷ་སའི་ཉེ་འཁོར་ར་ཁ་བྲག་གི་ཤར་དུ་ཡོད་པའི་ཀེའུ་ཚང་ནུབ་རི་ཁྲོད། སེར་བྱེས་མཁན་ཟུར་བྱམས་པ་སྨོན་ལམ་གྱིས་དུས་རབས་བཅོ་བརྒྱད་པའི་ནང་ཕྱག་བཏབ། ཁོང་ནི་ཀེའུ་ཚང་སྐུ་ཕྲེང་དང་པོ་ཡིན། དེ་གར་གུང་ཐང་བླ་མ་ཞང་གི་སྒྲུབ་ཕུག་དང༌། རྗེ་ཙོང་ཁ་པའི་སྒྲུབ་ཁང་ལ་ཉམས་གསོ་དང༌། སྒྲུབ་ཁང་བརྩིགས་ཏེ་བཞུགས་སྐབས་འཇོག་པོ་བློ་བཟང་རྣམ་གྲོལ་སོགས་སློབ་མ་མང་པོ་འདུས། དགེ་འདུན་གྱི་སྡེ་ཆགས། ཀེའུ་ཚང་སྤྲུལ་སྐུ་སྐུ་ཕྲེང་ན་རིམ་ནས་ཞལ་འཛིན་གནང༌། རྟེན་གཙོ་གསེར་ཟངས་ཀྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་དེ་དང༌། བྲག་ལྡེབས་སུ་ཐུབ་དབང་གི་སྐུ་བརྐོས་པ་དེ་རྣམས་སེ་ར་ཤར་དུར་ཁྲོད་ཀྱི་གཏན་ཆགས་ཁར་ཞལ་གཟིགས་ཡོད་པས་སེ་ར་ཤར་དུ་བསྐྱལ་བའི་ཕུང་པོར་འཕོ་བ་མི་དགོས་ཟེར་སྲོལ་ཡོད། དགོན་བདག་ཀེའུ་ཚང་བླ་བྲང་ནས་བྱེད།

{{#arraymap:ཀེའུ་ཚང་

|; |@@@ | | }}

ཀེའུ་ཚང་ (3)
Part of speech མིང་ཚིག
Definition ཀེའུ་ཚང་ཤར་རི་ཁྲོད། ཀེའུ་ཚང་ཤར་རི་ཁྲོད་ནི། སེ་ར་བྱ་བྲལ་ཀེའུ་ཚང་འཇམ་དབྱངས་བློ་གསལ་གྱིས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ཕྱག་བཏབ། ཕུར་ལྕོག་སྤྲུལ་སྐུ་ན་རིམ་ནས་ཞལ་བདག་མཛད། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས་ ༡༠ སྐོར་དགོན་བདག་ཕུར་ལྕོག་བླ་བྲང་ནས་བྱེད།

{{#arraymap:ཀེའུ་ཚང་

|; |@@@ | | }}