2475
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ཕྱི་ལོ་ ༡༦༨༩ ལོར་འཁྲུངས། གཞོན་དུས་ནས་དབུས་ལྷ་ལྡན་དུ་གྲྭ་སྐོར་མཛད་དེ་མཁས་པར་གྱུར། མདོ་ཁམས་བྲག་མགོ་དགོན་པའི་བླ་མ་ཡིན། རི་བོ་དགའ་ལྡན་པའི་རིང་ལུགས་འཛིན་པ་པོ་ཡིན། འདས་ལོ་མི་གསལ། གསུང་རྩོམ་ནི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་དང་། གདམས་ངག་སྐྱེ་བཟང་མ་དྲིས་ལན་སྣ་ཚོགས་ཀྱི་སྐོར། ཆབ་ཤོག་སྣ་ཚོགས་སོགས་ཀྱི་སྐོར་བཅས་སྔོན་དཀར་མཛེས་དགོན་གྱི་དཔེ་ཐོ་ཞིག་ཏུ་ཀ་ནས་ཉའི་བར་པོ་ཏི་བརྒྱད་ཡོད་པར་འཁོད་ཀྱང་། ད་ལྟ་མི་རིགས་རིག་གནས་ཕོ་བྲང་དུ་ཀ་ཁའི་པོ་ཏི་གཉིས་ལས་བཞུགས་མེད་པར་བཤད། |