24789
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཚུལ་ཁྲིམས་འཆལ་བ་ཕམ་པ་བྱུང་བ་ལ་ཞེ་སྡང་བར་མི་བྱ་ལ། ཕྱག་ཀྱང་ནམ་ཡང་མི་བྱ་སྟེ། ཚུལ་འཆལ་དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་སོགས་ཀྱང་ལྷན་ཅིག་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་འཆལ་དེ་ནི་རོ་བསྲེགས་པའི་མགལ་དུམ་བཞིན་དུ་གྱུར་པའི་ཕྱིར། ཁྱིམ་པ་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་ལ་གནས་ཀྱང་དེ་དག་ལ་དགེ་ཚུལ་གྱིས་ཀྱང་ཕྱག་མི་བྱ་ན། འདོད་པ་ཅན་ཁྱིམ་གྱི་ཆོས་འཁྲིག་པ་བསྟེན་པ་སོགས་ལ་གནས་པ་དེ་རྣམས་ལ་དགེ་སློང་གིས་ཕྱག་མི་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་བྱའོ། །དགེ་ཚུལ་སོགས་ཀྱིས་ཕྱག་མི་བྱ་ན། དགེ་སློང་གསར་བུ་ལ་དགེ་སློང་མ་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ཕྱག་བྱ་བ་བཞིན་དུ་ཁྱིམ་པ་སྡོམ་ལྡན་སྐྱེས་པ་ལ་དགེ་སློང་མ་ལ་སོགས་པའི་ཕྱག་བྱའམ་ཞེ་ན། དགེ་ཚུལ་སོགས་ཀྱིས་ཕྱག་མི་བྱ་བ་དེ་བཞིན་དུ་ཁྱིམ་པ་དེ་སྡོམ་པ་དང་ལྡན་ཡང་དེ་ལ་སྡོམ་བརྩོན་ཏེ་རབ་བྱུང་ཕ་མ་ཀུན་གྱིས་ཕྱག་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསླབ་པ་ཀུན་ནས་མ་བསྡམ་པ་ཁྱིམ་པ་དེ་དག་ལ་རབ་བྱུང་གི་ཕྱག་ལེན་པའི་དབང་ནི་ཡོད་པ་མ་ཡིན་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། ། |
| Domain | ཆོས་ལུགས། |