24801
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ལྟུང་བ་ནི། འགྱོད་པའི་སྒོ་ནས་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པའོ། །༢ རྣམ་པར་རྟོག་པ་ནི། སྒོ་གསུམ་ནས་ཏེ། དགོད་པ་དང་རྩེ་བ་ལས་བརྩམས་ནས་ཡུལ་འདས་པ་རྗེས་སུ་དྲན་པས་རྣམ་པར་གཡེང་བའི་སྒོ་དང༌། ཉེས་པར་མཐོང་བ་དང༌། ཉེས་པར་ཐོས་པ་དང༌། ཉེས་པར་སྨྲས་པ་དང༌། ཉེས་པར་སྤྱད་པའི་ཐོས་པ་དང༌། སེམས་ཙམ་ལ་མངོན་པར་དགའ་བས་རྣམ་པར་གཡེང་བའི་སྒོ་དང༌། སྔོན་གོམས་པའི་སྟོབས་བསྐྱེད་པའི་རྣམ་པར་གཡེང་བའི་སྒོ་ནས་སོ། ༣ ལུས་ལ་མངོན་པར་ཞེན་པ་ནི། འཁོར་བས་མི་སྐྱོ་བའི་སྒོ་ནས་སོ། །༤ ཡུལ་ལ་མངོན་པར་ཞེན་པ་ནི། ཡུལ་མ་འོངས་པ་ལ་མངོན་པར་དགའ་བའི་སྒོ་ནས་སོ། ། |
| Domain | ཆོས་ལུགས། |