24807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་གི་སྡོམ་པའི་ཡན་ལག་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ བསྙེན་པར་རྫོགས་པའི་ཡན་ལག་ནི། དེ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང༌། ཇི་ལྟར་བསླབ་པའི་གཞི་ཆེ་ལོང་དག་ནོད་པ་ནི་བསྙེན་པར་རྫོགས་པའི་ཡན་ལག་ཡིན་ཏེ། ཡན་ལག་དེ་དང་ལྡན་ན་དགེ་སློང་དེ་དང་པོ་ཁོ་ནར་དགེ་སློང་གི་དངོས་པོའི་ཚུལ་ཁྲིམས་དེས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །༢ དེ་དང་མཐུན་པའི་ཆོས་ཀྱི་བསླབ་པའི་གཞི་ཡང་དག་པར་བླང་བའི་ཡན་ལག་ནི། དེ་དེའི་འོག་ཏུ་འདུལ་བ་སོ་སོར་ཐར་པ་ལ་དགེ་སློང་གི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པ་དང༌། དེ་དང་ལྡན་པའི་བསླབ་པའི་གཞི་གང་ཡིན་པ་དེ་དག་ཐམས་ཅད་ལ་བསྡམས་ཤིང་སྤྱོད་པ་ཡིན་ཏེ། དེས་ན་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱ་སྟེ། དེ་ནི་དེ་དང་མཐུན་པའི་ཆོས་ཀྱི་བསླབ་པའི་གཞི་ཡང་དག་པར་བླང་བའི་ཡན་ལག་གོ ། །༣ གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་ནི། ཡན་ལག་དེ་གཉིས་དང་ལྡན་པའི་ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་ཡིན་ཏེ། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་ནོ། །༤ བསླབ་པའི་ཚོགས་ཡང་དག་པར་བླངས་པ་རྗེས་སུ་སྲུང་བའི་ཡན་ལག་ནི། དེ་ལ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་མན་ཆད་དག་ལ་འཇིགས་པར་ལྟ་བ་གང་ཡིན་པ་དེ་ནི་ཉེས་པ་མི་འབྱུང་བར་བྱ་བ་དང༌། ཉེས་པ་བྱུང་བ་ལས་བསླང་བའི་ཕྱིར་བསླབ་པའི་གཞི་ཡང་དག་པར་བླངས་ཏེ་སློབ་པ་འདི་ལྟ་སྟེ། འཇིགས་པར་ལྟ་བ་དང༌། བྱུང་བ་དེ་གཉིས་ནི་དེའི་བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་རྗེས་སུ་བསྲུང་བའི་ཡན་ལག་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་གི་སྡོམ་པའི་ཡན་ལག་བཞི་

|; |@@@ | | }}