24812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་གིས་གང་ཟག་གསུམ་པོ་མ་སྤངས་ན་ངན་སོང་དུ་སེམས་ཅན་དམྱལ་བར་འགྲོ་བ་གསུམ་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། ༡ གང་ཟག་འདོད་པ་དག་ཀྱང་སྟེན་པར་བྱེད་ལ་སྡིག་པའི་ལས་ཀྱང་བྱེད་པ་འདི་ནི། གང་དེ་མ་སྤངས་ན་ངན་སོང་དུ་འགྲོ་བ་སེམས་ཅན་དམྱལ་བར་འགྲོ་བར་དང་པོ་ཡིན་ནོ། །༢ གང་ཟག་བདག་ཉིད་ཚུལ་ཁྲིམས་འཆལ་ཞིང་གཞན་ལ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་སྨྲ་བ་འདི་ནི་གང་དེ་མ་སྤངས་ན་ངན་སོང་དུ་འགྲོ་བ་སེམས་ཅན་དམྱལ་བར་འགྲོ་བ་གཉིས་པའོ། །༣ གང་ཟག་བདག་ཉིད་མི་ཚངས་པར་སྤྱོད་ཅིང་གཞན་ལ་གཞི་མེད་པར་མི་ཚངས་པར་སྤྱོད་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་པ་འདི་ནི་གང་ཟག་དེ་མ་སྤངས་ན་ངན་སོང་དུ་འགྲོ་བ་སེམས་ཅན་དམྱལ་བར་འགྲོ་བ་གསུམ་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་གིས་གང་ཟག་གསུམ་པོ་མ་སྤངས་ན་ངན་སོང་དུ་སེམས་ཅན་དམྱལ་བར་འགྲོ་བ་གསུམ་

|; |@@@ | | }}