24820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་གིས་མི་ཚངས་པར་སྤྱད་པས་ཕམ་པར་འགྱུར་བ་ཁག་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། དགེ་སློང་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕམ་པར་འགྱུར་རོ། །དགེ་སློང་གིས་གནས་གསུམ་གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕམ་པར་འགྱུར་རོ། །ཟག་བྱེད་དམ་ཁའམ། བཤང་བའི་ལམ་དུ་འཛུད་ན། བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །དགེ་སློང་གིས་བུད་མེད་དང་སྐྱེས་པ་དང་མ་ནིང་གསུམ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕམ་པར་འགྱུར་རོ། །དགེ་སློང་གི་སེམས་སྟེན་པ་ལ་གཞོལ་བ་དང་སྟེན་པ་ལ་འབབ་པ་དང་སྟེན་པ་ལ་བབ་པར་གྱུར་ཅིང་དེ་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པས་མིའི་བུད་མེད་གསོན་པོ་མ་ཉམས་པ་ལ་ཟག་བྱེད་བར་དང་བཅས་པས་བར་ཆད་མེད་པ་དང་། བར་མེད་པས་བར་ཆད་མེད་པ། ཟག་བྱེད་དམ་ཁའམ་བཤང་བའི་ལམ་དུ་འཛུད་ན། བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་གིས་མི་ཚངས་པར་སྤྱད་པས་ཕམ་པར་འགྱུར་བ་ཁག་ལྔ་

|; |@@@ | | }}