24834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་དགེ་སློང་མའི་སྟོན་པར་བསྐོ་བར་བྱ་བའི་ཆོས་ལྔ་ (1)
Part of speech མིང་ཚིག
Definition འདུལ་བའི་མདོ་ལས་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ། གནས་བརྟན་རྒྱལ་ཚབ་ལྟ་བུ། གྲོང་ཁྱེར་བའི་སྐད་དང་ལྡན་པ། དེས་དགེ་སློང་མ་ལ་ལུས་ཀྱི་རེག་པས་སུན་མ་ཕྱུང་ཞིང་གལ་ཏེ་སུན་ཕྱུང་ན་ཡང་དེས་ཆོས་བཞིན་དུ་སླར་བྱ་བའོ། །ཆོས་ལྔ་པོ་དེ་དག་ལས་བཞི་ནི་ངེས་པ་ཡིན་ནོ། །མང་དུ་ཐོས་པ་མེད་ན་སོ་སོར་ཐར་པའི་མདོ་ཐོན་པ་ཡང་བསྐོ་བར་བྱའོ། །དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་པོ་སྟོན་ནུས་པ་ཡང་བསྐོའོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་དགེ་སློང་མའི་སྟོན་པར་བསྐོ་བར་བྱ་བའི་ཆོས་ལྔ་

|; |@@@ | | }}