24836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་དགོན་པ་བའི་འབྲལ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཆོས་གོས་གྲོང་དུ་བཞག་པ་དེ་ལས་ཞག་བདུན་དུ་འབྲལ་བར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གི་ཆ་ལུགས་ཁྱད་པར་ཅན་ཉམས་པ་དང་། ཡོ་བྱད་ཀྱི་ཁྱད་པར་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་དགོན་པ་བའི་འཇིགས་པའི་དབང་གིས་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་སྤྱོད་ཡུལ་གྱི་གྲོང་དུ་བཞག་སྟེ་བྱ་བ་ཆོས་ལྡན་གྱི་ཆེད་དུ་དགོན་པ་དང་ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་ཏུ་གནས་ཏེ་བར་ཆད་ཀྱི་དབང་མ་གཏོགས་པ་ཞག་དྲུག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགོན་པར་གནས་པའི་དགེ་སློང་གིས་གོས་ཞག་དྲུག་ཚུན་ཆད་དུ། ཆོས་གོས་རྣམ་གསུམ་བྱིན་བརླབ་ཅན་དང་བྲལ་བ་ལ་དགོས་པའི་དབང་གིས་ཉེས་པ་མེད་ལ། ཞག་དྲུག་འདས་ནས་བདུན་པའི་སྐྱ་རེངས་ཤར་ན་འབྲལ་བའི་སྤང་ལྟུང་བསྐྱེད་པས་སྐྱ་རེངས་ཤར་བའི་གནས་སྐབས་ཀྱི་བཅས་པའི་ཁ་ན་མ་ཐོ་བ་དེ་འདིའི་མཚན་གཞི་ཡིན་ཏེ། དེས་དོན་གྱི་དབང་གིས་གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱའོ། །ལྷག་པ་ལ་ནི་བག་ཡངས་མེད་དོ། །ཞེས་དང། དགོས་པའི་ཆེད་དུ་གཞན་དུ་ནི། །ཞག་དྲུག་འདས་ཀྱང་ཉེས་མེད་དེ། །དེ་ཡང་མཚམས་གཅིག་ཆོས་གོས་ཀྱིས། །བདུན་པའི་སྐྱ་རེངས་ཤར་ན་ལྟུང། །ཞེས་གསུངས་སོ། །འདི་ནི་དྲུག་སྡེས་ཆོས་གོས་གྲོང་དུ་བཞག རང་དགོན་པར་ཡང་མ་བསྡད། ཆོས་གོས་ཡོད་སར་ཡང་མ་བསྡད་པར་ཆོས་གོས་དང་བྲལ་པ་ལ་བརྟེན་ནས་བཅའ་བ་མཛད་དོ། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་དགོན་པ་བའི་འབྲལ་བའི་སྤང་ལྟུང་

|; |@@@ | | }}