24848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་ནམ་མཁའ་འོད་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཆུ་གླང་ཕྱི་ལོ་ ༡༡༣༣ ལོར་རུ་མཚམས་ཀྱི་ས་ཆར་ཡབ་དགོན་པ་དོན་གྲུབ་བླ་མ་དང་། ཡུམ་ལྷ་མོ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་མོ་ལུག་ལོ་སྟེ་ཕྱི་ལོ་ ༡༡༩༩ ལོར་སྐུ་གཤེགས། བརྒྱད་ཙམ་ལ་ཆོས་རྗེ་དུས་གསུམ་མཁྱེན་པ་ལ་ཕུལ། ཕྱག་ཕྱིར་འབྲལ་མེད་དུ་ལོ་དགུ་ཙམ་བཞུགས། རྗེས་སུ་གདམས་པ་དཔག་མེད་དུ་མཛད། རྗེ་དུས་མཁྱེན་ཁམས་སུ་ཕེབས་རྗེས། གངས་དཀར་དང་། སེ་མོ་དོ། ཁ་རག ཐང་ལྷ་ལ་སོགས་པའི་དབེན་པ་རྣམས་སུ་བསྒོམས། མཚམས་བར་དུ་འགྲོ་མགོན་ཞང་དང་། ལྷོ་པ། སྐྱེར་སྒང་བ། གླིང་བ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་དུ་མཇལ། གདམས་པ་མང་དུ་གསན། བདེ་གཤེགས་སྟག་ལུང་ཐང་པ་ལས་ཆོས་ཞུས། སྒྲུབ་པ་ཁོ་ན་མཛད། ཆོས་རྗེ་དུས་མཁྱེན་དབུས་སུ་ཕེབས། གདམས་པ་ལྷག་མ་དང་། རྗེས་སུ་གདམས་པ་དཔག་མེད་ཞུས། སྐུ་མཚམས་ལོ་བཅུ་བདུན་རིང་ཞུགས།

{{#arraymap:དགེ་སློང་ནམ་མཁའ་འོད་

|; |@@@ | | }}