24850

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་ཕ་མས་བསྐྱེད་པའི་ཡུལ་གྱི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་ཕ་མས་བསྐྱེད་པའི་ཡུལ་གྱི་ཡན་ལག་གི་མཚན་ཉིད་ནི། དབྱེན་ལ་སོགས་པའི་ལྷག་མ་ཕྱི་མ་བཞི་པོ་དང། བྱིན་འཕྲོག་དང། དབྱར་རྙེད་དང་འབྲེལ་བའི་ལྟུང་བ་དང། དངོས་སྒྱུར་ལ་སོགས་པ་དེ་དག་གིས་ལྟུང་བ་བསྐྱེད་པ་ལ་བྱེད་པ་པོ་དགེ་སློང་ཡིན་པ་ཙམ་གྱི་ཆོག་གམ་ཁྱད་ཆོས་གཞན་ཡང་དགོས་ཞེ་ན། དེའི་ལན་ནི། དགག་པའི་བསླབ་པ། ལྟུང་བ་དེ་དག་བསྐྱེད་པ་ལ་བྱེེད་པ་པོ་དགེ་སློང་བསྙེན་པར་རྫོགས་པ་ཅན་ནི་ཕམ་པ་འཆབ་བཅས་ཀྱིས་མ་ཉམས་པ་མཚན་མཐུན་པ་དང། ལྟ་བ་ཁས་བླངས་པ་མཐུན་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡན་ལག་དགོས་སོ། །དེ་བཞིན་དུ་དགེ་སློང་མ་ཡུལ་གྱི་ཡན་ལག་ཏུ་བྱས་ནས་བསྐྱེད་པའི་དགེ་སློང་གི་ལྟུང་བ་འཁྲུར་འཇུག་པ་དང། གོས་ལེན་པ་དང། བལ་སྨེལ་དུ་འཇུག་པ་དང། མ་བསྐོས་ཉི་མ་ནུབ་པ་དང། ཟས་དང་ཆོས་གོས་གཉིས་དག་དང། དོན་མཐུན་གྲུ་དང་སྦྱོར་བཅུག་པའོ། །ཞེས་པའི་ལྟུང་བ་འདི་དག་བསྐྱེད་པ་ལ་ཡང་ཡུལ་གྱི་ཡན་ལག་དགེ་སློང་མ་དེ་བསྙེན་པར་རྫོགས་པ་ཅན་བསླབ་པ་མ་ཉམས་པ་དགེ་སློང་མར་མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཉིད་ནི་ཁྱད་ཆོས་དང་ལྡན་པ་དགོས་ཏེ། ཁྱད་ཆོས་དེ་དག་དང་ལྡན་པ་ནི། ཇི་སྐད་བཤད་པའི་དགག་པའི་བསླབ་པ་ལྟུང་བ་དེ་དག་བསྐྱེད་པའི་ཡན་ལག་ཡིན་ནོ། །ཞེས་པ་ལ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ཀྱི་བསླབ་པ་དག་ལ་ཡན་ལག་ཡིན་ནོ། །མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །ཞེས་པ་འདི་བྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དགེ་སློང་ཕ་མས་བསྐྱེད་པའི་ཡུལ་གྱི་ཡན་ལག་

|; |@@@ | | }}