24860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་གཞན་བྱེད་དུ་འཛུད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་རང་གི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་བྱེད་དུ་བཅུག་པ་དང་། དུར་ཁྲོད་བསྟེན་པ་འདི་དྲིལ་ཕྱི་བྱས་ཏེ་ཅི་བྱ་ཞེས་ཟེར་རོ། །དེས་སྨྲས་པ། པགས་པའི་མདོག་འདི་འཚེར་ཞིང་གསལ་བར་བྱས་པ་དང་། བརྒྱན་པོ་པ་དང་ནལ་ཕྲུག་རྣམས་ཀྱི་སྙིང་འགས་པར་འགྱུར་རོ་ཞེས་སྨྲས་པ་ལས་སོ། །དགག་བྱ་ནི་བྱ་བ་དེ་དང་འབྲེལ་ནས་རྒྱགས་པ་འཕེལ་བའོ། །དགེ་སློང་མས་རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱི་བའི་ལུས་ཀྱི་དྲིལ་ཕྱི་དགེ་སློང་མ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་གཞན་བྱེད་དུ་འཛུད་པའི་ལྟུང་བྱེད་

|; |@@@ | | }}