24863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་དང་ལྷན་གཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། དགེ་སློང་ཕོ་མོ་ལམ་དུ་འགྲོགས་པ་དེ་མི་མཛེས་ཤིང་མ་དད་པ་སྐྱེ་བ་དང་། ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་སའི་ལམ་དུ་རྒྱང་གྲགས་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འཇིགས་པ་དང་བཅས་པའི་ལམ་ཉིད་དུ་འགྲོ་ན་ཐབས་ཅིག་ཏུ་ཞུགས་ཤིང་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་ལམ་ལས་འདའ་ཞིང་འགྲོ་ནའོ། །རྒྱང་གྲགས་རེ་རེའོ། །ཞེས་པས་བསྟན། ངོ་བོ་ནི། འཇིགས་ཉེན་གྱི་དགོས་པ་མེད་བཞིན་དུ་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་ལམ་དུ་རྒྱང་གྲགས་ཚུན་འགྲོ་བར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །རྒྱང་གྲགས་ཕྱེད་འགྲོ་ན་ཉེས་བྱས་འབྱུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་དང་ལྷན་གཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་

|; |@@@ | | }}