From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
|
དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་གྲུར་འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་ཕོ་མོ་ལམ་དུ་འགྲོགས་པ་དེ་མི་མཛེས་ཤིང་མ་དད་པ་སྐྱེ་བ་དང་། ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ཆུའི་ལམ་གྲུ་གདལ་གཅིག་པ་ཡན་ཆད་དུ་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འགྲམ་གཉིས་འཇིགས་པ་དང་བཅས་པ་མ་གཏོགས་པར་འཐམས་ནས་ཅིག་ཅར་གྲུ་གཅིག་གི་ལམ་ལས་འདའ་ཞིང་འགྲོ་ནའོ། །ཞེས་པས་བསྟན། ངོ་བོ་ནི། ཆུ་འགྲམ་ཕན་ཚུན་ལ་འཇིགས་པ་ཡོད་པའི་སྐབས་མ་གཏོགས་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ནས་ཆུ་བོའི་གཞུང་ལ་རྒྱང་གྲགས་ཚུན་འགྲོ་བའི་བཅས་པའི་ཁ་ན་མ་ཐོ་བའོ། །ཆུ་བོའི་ཐད་ཀར་ཕ་རོལ་ཏུ་འགྲོ་བ་ལ་ལྟུང་བ་མེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|