24865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་དང་ལྷན་ཅིག་ཏུ་མགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་རྒྱང་གྲགས་འདས་པར་ཕྱིན་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་མ་དང་ལྷན་ཅིག་སའི་ལམ་དུ་རྒྱང་གྲགས་གཅིག་འདས་པར་ཕྱིན་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མི་མཛེས་ཤིང་གཞན་མ་དད་པ་སྐྱེས་པ་དང་། ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགེ་སློང་མ་དང་ལྷན་ཅིག་ཏུ་མགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་

|; |@@@ | | }}