24870

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་བསྙེན་པར་རྫོགས་བྱེད་ཀྱི་ཆོ་ག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དེ་ལྟར་གསང་སྟོན་གྱི་བྱ་བ་དང་ཚངས་སྤྱོད་ལ་ཉེར་གནས་སྔོན་དུ་སོང་ནས་དགེ་སློང་ཕའི་དགེ་འདུན་ཡང་བསྣན་ནས་གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱ་བ་ཡིན་ཏེ། འདིར་དགེ་འདུན་གྱིས་བསྣན་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཆོ་གའི་ཚིག་ནི་དགེ་སློང་ཞེས་པའི་ཚབ་ཏུ་དགེ་སློང་མ་སྦྱར་བ་མ་གཏོགས། གསོལ་བཞིའི་ལས་བྱེད་མཁན་ནི་དགེ་སློང་ཉིད་ཡིན་པས། ལས་བྱེད་མཁན་ལ་ནི་དགེ་སློང་ཞེས་བརྗོད་པས་ཆོག གཞན་མཁན་པོ་དང། གསང་སྟོན་སོགས་ཀྱི་ཚབ་ཏུ་མཁན་མོ་དང་གསང་སྟོན་མ་ཞེས་སྦྱར་དགོས་པས། དེ་དག་ལ་ནི་དགེ་སློང་མ་ཞེས་བརྗོད་དགོས་སོ། །དེ་སྐད་དུ་གཞུང་ལས། དགེ་སློང་གི་གནས་སུ་དགེ་སློང་མའོ། །རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ། །བསྙེན་པར་རྫོགས་པ་ལ་ནི། དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་ལས་གཞན་པའི་འོ། །ཞེས་གསུངས་སོ། །འོན་ཀྱང་བུད་མེད་བསྙེན་པར་རྫོགས་པའི་ཚེ་ལས་བྱེད་མཁན་ཡིན་ན། དགེ་སློང་ཡིན་པས་མ་ཁྱབ་སྟེ། ལས་བྱེད་མཁན་དགེ་སློང་མས་བྱས་ཏེ། བུད་མེད་བསྙེན་པར་རྫོགས་པ་ཡང་ཡོད་པ་སྔར་བཤད་ཟིན་པ་དེའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་བསྙེན་པར་རྫོགས་བྱེད་ཀྱི་ཆོ་ག་

|; |@@@ | | }}