24873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། ༡ མིང་གི་དགེ་སློང་མ་ནི། གང་གི་ཚིག་དང་། མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་། ཚིག་བླ་དྭགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་། ཐ་སྙད་ཀྱིས་དགེ་སློང་མ་ཞེའམ། དགེ་སློང་མའི་རིགས་ཞེའམ། དགེ་སློང་མ་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་མ་ཞེས་བྱའོ། །༢ ཁས་འཆེ་བའི་དགེ་སློང་མ་ནི། གང་དགེ་སློང་མ་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་མའོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་། ཡང་དགེ་སློང་མ་ཡིན་ནོ་ཞེས་བདག་ཉིད་དགེ་སློང་མར་ཁས་འཆེ་བ་ནི་ཁས་འཆེ་བའི་དགེ་སློང་མ་ཞེས་བྱའོ། །༣ སློང་བའི་ཕྱིར་དགེ་སློང་མ་ནི། གང་ཆོས་དང་ལྡན་པས་སློང་མོ་ལ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་ཕྱིར་དགེ་སློང་མ་ཞེས་བྱའོ། །༤ ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ནི། གང་ཟག་པ་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར་སྨིན་པར་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩ་བ་ནས་བཅད་པ་དང་། ཤིང་ཏ་ལའི་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱ་བའོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་རྣམ་པ་བཞི་

|; |@@@ | | }}