24875

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་རྣམས་ཀྱི་ཕས་ཕམ་པའི་ལྟུང་བ་བརྒྱད་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། དང་པོ་དགེ་སློང་དང་ཐུན་མོང་གི་ཕས་ཕམ་པའི་ལྟུང་བ་བཞི་སྟེ། མི་ཚངས་པར་སྤྱོད་པ། མ་བྱིན་པར་ལེན་པ། མི་གསོད་པ། མིའི་ཆོས་བླ་མར་གྱུར་པ་དང་བཞིའོ། །གཉིས་པ་ཐུང་མོང་མ་ཡིན་པ་དགེ་སློང་མའི་ཕས་ཕམ་པའི་ལྟུང་བ་བཞི་སྟེ། རྣམ་པར་ཆགས་པ་རྣམ་པར་ཆགས་པའི་སྐྱེས་བུ་ལ་མིའི་འོག་ནས་པུས་མོའི་གོང་གི་བར་དུ་ཉུག་པར་བྱེད་པ་ལ་སོགས་པ་ཞེས་པ་དེ་ལྟ་བུར་རང་བཞིན་ནོ། ། རྣམ་པར་ཆགས་པ་རྣམ་པར་ཆགས་པའི་སྐྱེས་བུ་དང་ལྷན་ཅིག་གནས་པ་དང༌། རྩེ་བ་དང་ཀུན་ཏུ་སྨྲ་བ་དང་རྟགས་དང་མཚན་མ་དང་བརྡ་རྣམས་བྱེད་པ་དང་སྐྱེས་པ་འོངས་པ་ཁས་ལེན་པར་བྱེད་པ། དེའི་རང་བཞིན་གྱི་ཡུལ་དུ་དྲ་བ་སྟོན་པ། འཛུད་པ་ལས་གཞན་དུ་སྐྱེས་པ་དང་བུད་མེད་ཀྱི་དབང་རྗེས་སུ་འགྲོ་བར་གྱུར་པའོ་ཞེས་དེ་ལྟ་བུ་རང་བཞིན་དང་བཞིའོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་རྣམས་ཀྱི་ཕས་ཕམ་པའི་ལྟུང་བ་བརྒྱད་

|; |@@@ | | }}