24877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་དགེ་སློང་མ་ལ་ཟས་བླངས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་མ་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ་ན་འདུག་པ་ན་རང་ཉིད་ཀྱང་དེ་གསུམ་གང་རུང་ན་གནས་པས་ཟས་བླངས་ཏེ་ཟོས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་ཟས་བླངས་པ་ལས་སོ་སོར་བཤགས་པར་བྱ་བ་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་

|; |@@@ | | }}