24880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གི་སོར་བཤགས་བཞིའི་ནང་གསེས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་ཟས་བླངས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེ་ན་འདུག་པས་དགེ་སློང་མ་གནས་དེ་གསུམ་གང་ཡང་རུང་བ་ན་འདུག་པ་ལ་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་ནི། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པར་ཤེས་བཞིན་དུ་དེ་གྲོང་ན་འདུག་པ་ལ་ཟས་བསླངས་ཏེ་ཟོས་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས་

|; |@@@ | | }}