24882

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་སྒྲུབ་པའི་ཆོ་ག་ (1)
Part of speech མིང་ཚིག
Definition རྟེན་དགེ་སློབ་མའི་སྡོམ་པ་བླངས་ནས་ལོ་གཉིས་ལོན་པའི་གང་ཟག་ཁྱིམ་སོ་བཟུང་ན་ལོ་བཅུ་གཉིས། མ་བཟུང་ན་ཉི་ཤུ་ལོན་པ་ལ། དགེ་སློང་མའི་དགེ་འདུན་བཅུ་གཉིས་སམ་དྲུག་ཚོགས་ལས་མཁན་མོས་ཆོས་གོས་རྣམ་གསུམ་གྱི་སྟེང་དུ་རྔུལ་གཟན་དང་ཤིང་ང་དཔུང་བཅད་གཉིས་བསྣན་པའི་ཆོས་གོས་ལྔ་དང་བཅས་པའི་རྟགས་སྦྱིན། བར་ཆད་དྲིས་ཏེ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན། དེ་ནས་དགེ་འདུན་ཕའི་ཚོགས་བསྣན་ཏེ་གཉིས་ཀའི་དགེ་འདུན་དང་བཅས་པས་གསོལ་བཞིའི་ལས་ཆོག་གིས་བསྙེན་པར་རྫོགས་ཤིང༌། རྗེས་གདམས་ངག་བརྗོད་པ་ལའང་ཕམ་པ་བརྒྱད་དང་ལྕི་ཆོས་བརྒྱད་སོགས་འཕྲི་བསྣན་བྱེད་དགོས་ཀྱང་བོད་ཡུལ་འདིར་དགེ་སློབ་མ་དང་དགེ་སློང་མ་སྒྲུབ་པའི་སྲོལ་ཐོག་མ་ནས་མ་བྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དགེ་སློང་མ་སྒྲུབ་པའི་ཆོ་ག་

|; |@@@ | | }}