24887

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་གོས་ཀྱི་རྒྱུ་ཟ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིངས་ཤིང་བཙུན་མོ་ཕྲེང་ལྡན་མར་ཆོས་སྟོན་པ་ན། འཕགས་མ་ཁྱོད་ཀྱི་ཆོས་གོས་རྣམས་རྙིངས་སོ་ཞེས་ཟེར་བ་ལས། དེས་སྨྲས་པ། ཅི་བདག་ལ་རྒྱལ་པོ་གསུམ་པོ་ཆེ་ཁད་བགྱིད་དམ། འོན་ཏེ་དཔྱ་བསྡུ་བའི་ཡུལ་ཀོ་ས་ལ་བདོག་གམ་ཅི། བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ། །དེ་ནས་བཙུན་མོས་ཆོས་གོས་ལྔའི་རྒྱུར་རས་ཡུག་ཆེན་དག་བྱིན་ནོ། །དེས་བླངས་ཏེ་འཚོང་པ་ལ་བཙོངས་ནས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས། དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་སྨོད་པར་བྱེད་པ་ལས་གོས་ཀྱི་རྒྱུ་ཟ་བའི་སྤང་བར་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་འཕེལ་བའོ། །དགེ་སློང་མས་གོས་ཀྱི་ཆེད་དུ་རྙེད་པའི་དངོས་པོ་གོས་ལས་གཞན་པ་གང་ཡང་རུང་བ་དེ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ལས། གོས་ཀྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བསྒྱུར་ཏེ་ཟ་བའི་ཕྱིར་འཇོག་པ་ནི་སྤང་ལྟུང་དུ་འགྱུར། ཟོས་ཟིན་པ་ཉིད་ལ་ནི་སྤང་བའི་དངོས་པོ་མེད་ཟིན་པས་ལྟུང་བྱེད་འབའ་ཞིག་པར་བཤད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་གོས་ཀྱི་རྒྱུ་ཟ་བའི་སྤང་ལྟུང་

|; |@@@ | | }}