24888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་འདུལ་བའི་ལུང་དང་བསྟན་བཅོས་དགེ་སློང་མའི་སོ་ཐར་འགྲེལ་བ་ལ་སོགས་པ་གང་ནའང་མི་སྣང་ངོ་། །དགག་བྱ་ནི་དགེ་སློང་མའི་ཁྱད་པར་གྱི་ཆ་ལུགས་ཉམས་པར་འགྱུར་བའོ། །དགེ་སློང་མས་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་ལྔ་ལས་གང་ཡང་རུང་བ་མེད་ཅིང་བྱིན་གྱིས་བརླབས་པར་འོས་པའི་ཆོས་གོས་དེ་གསར་དུ་རྙེད་ན་ནམ་རྙེད་པའི་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་འདས་ཏེ་སྐྱ་རེངས་དང་པོ་ཤར་བ་ན་སྤང་བའི་ལྟུང་བྱེད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མ་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ལ་ལྔ་པོ་གང་ཡང་རུང་བ་མེད་པས་སླར་ཆོས་གོས་དེ་འབྱོར་བར་གྱུར་པའི་ཉི་མ་དེ་ལ་བྱིན་གྱིས་མ་རླབས་པར། ཞག་ཕྱི་མའི་སྐྱ་རེངས་ཤར་བའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པའི་སྤང་ལྟུང་

|; |@@@ | | }}