24889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་གོས་ཟ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ཆོས་གོས་ལྔ་རྙིངས་ཤིང་། བུད་མེད་རྣམས་ལ་ཆོས་སྟོན་པ་ན། དེ་དག་གི་སྐུད་པ་དག་བསྟན་ནས་འཕགས་མའི་ཆེད་དུ་འདི་རྣམས་གོས་འཐག་ཏུ་བཅུག་ནས་འབུལ་ལོ་ཞེས་ཟེར་བ་ན། ཁྱེད་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས། ཁོ་མོ་རང་གིས་བཏག་གོ་ཞེས་སྐུད་པ་དེ་རྣམས་ཁྱེར་ནས། ཀརྴ་པ་ནར་བཙོངས་ཏེ། དེ་དག་གིས་ཁ་ཟས་ཉོས་ནས། གཡོས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་ནས། ཁོ་མོ་སྡེ་སྣོད་གསུམ་པ་བ་ཡིན་པས་ཁ་ཟས་ངན་པས་འཚོ་བར་མི་ནུས་ཞེས་སྨྲས་པ་དང་། དགེ་སློང་མ་རྣམས་ཀྱིས་འཕྱ་བར་བྱེད་པ་ལས་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་དང་གཞན་དག་མ་དད་པའོ། །དགེ་སློང་མས་ཟས་ལས་གཞན་གླེགས་བམ་འདྲི་བ་ལ་སོགས་པ་རྣམས་ཀྱི་ཆེད་དུ་རྙེད་པའི་གོས་དེ་ཟས་སུ་བསྒྱུར་བར་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། གོས་ཟ་བ་ལས་གྱུར་པའི་སྤང་ལྟུང་ནི་གླེགས་བམ་འབྲི་བ་ལ་སོགས་པའི་ཆེད་དུ་རྙེད་པའི་གོས་ཟས་སུ་བསྒྱུར་ཏེ་ཟ་བར་བྱ་བའི་ཕྱིར་འཇོག་ན་སྤང་ལྟུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་གོས་ཟ་བའི་སྤང་ལྟུང་

|; |@@@ | | }}