24890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་གོས་ཟླ་ཕྱེད་བྱིན་གྱིས་མི་རློབ་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་མའི་རྣམ་འབྱེད་ཀྱི་སྐབས་གཞན་ལས་དང་། དགེ་སློང་མའི་སོ་སོ་ཐར་པའི་འགྲེལ་པ་ལས། བུད་མེད་ནི་བརྗེད་ངེས་པ་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ནས་ཆོས་གོས་གང་དག་བྱིན་གྱིས་བརླབས་པ་དང་མ་བརླབས་པ་མ་ཤེས་ཏེ། བྱིན་གྱིས་བརླབས་པའི་སྣམ་སྦྱར་གང་ཡིན། བླ་གོས་གང་ཡིན། མཐང་གོས་དང་རྡུལ་གཟན་གང་ཡིན་མི་ཤེས་པར་གྱུར་ནས། དགེ་སློང་མ་རྣམས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་རྣམས་བྱིན་གྱིས་རློབ་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ན། སྦོམ་དགའ་མོས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་རློབ་པར་མི་བྱེད་པ་ལས་བཅས་སོ། །དགག་བྱ་ནི་གོས་ལ་ཆགས་པའི་ཉོན་མོངས་པ་འཕེལ་བའོ། །དགེ་སློང་མས་རང་གི་ཆོས་གོས་ལྔ་ལས་གང་རུང་བ་སྔར་བྱིན་གྱིས་བརླབས་ཟིན་པ་དེ་ཡང་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་རླབས་བསྐྱར་དགོས་པ་ལས་བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་པའི་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། ཉི་མ་དང་པོ་ལ་བྱིན་གྱིས་བརླབས་པའི་ཆོས་གོས་དེ་ཡང་སླར་ཟླ་བ་ཕྱེད་ཀྱི་དུས་སུ་བྱིན་གྱིས་བརླབས་དགོས་པ་ལས་མ་བརླབ་ན་སྤང་ལྟུང་བསྐྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་གོས་ཟླ་ཕྱེད་བྱིན་གྱིས་མི་རློབ་པའི་སྤང་ལྟུང་

|; |@@@ | | }}