24891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཉེས་བྱས་ཀྱི་སྡེའི་བསླབ་པ་རྣམས་ནི་དགེ་སློང་དག་ལས་གྱུར་པ་བཞིན་དུ་དགེ་སློང་མ་རྣམས་ཀྱི་ཡང་དེ་བཞིན་ནོ། །འདི་ལ་དམིགས་བསལ་གཉིས་ཏེ། ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པ་དང་། རྩྭ་སྔོན་མི་གཙང་འདོར་བ་གཉིས་ནི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་བའི་དེ་གཉིས་འདིར་མི་བགྲང་ངོ་། །དེ་གཉིས་མ་གཏོགས་པ་ཉེས་བྱས་བརྒྱ་རྩ་བཅུ་ནི་དགེ་སློང་མ་རྣམས་ཀྱི་ཡང་ཉེས་བྱས་སོ། །དེ་དག་གི་སྟེང་དུ་དགེ་སློང་མས་ཤམ་ཐབས་རང་གི་ལུས་ཀྱི་རྐེད་པ་སྣང་བར་བགོ་བར་མི་བྱའོ་ཞེས་པ་ནི། དཔྱི་མགོ་བས་ཤམ་ཐབས་དམའ་བར་བགོ་བར་མི་བྱ་ཞེས་མའི་སོ་སོ་ཐར་པའི་འགྲེལ་བ་ལས་སོ། །དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་ཅིང་ཁྱིམ་གཞན་འགྲོ་བར་མི་བྱའོ་ཞེས་པ་གཉིས་བསྣན་པས། དགེ་སློང་མ་ལ་ཡང་ཉེས་བྱས་བརྒྱ་རྩ་བཅུ་གཉིས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། སྦྱིན་བདག་སོགས་ཀྱི་ཁྱིམ་དུ་སྟན་ལ་གཞན་གྱིས་མ་བསྒོ་བར་འདུག་པ་དང་། མི་ན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་གཅི་སོགས་འདོར་བ་དང་གཉིས་དགེ་སློང་ཕ་ལ་ཉེས་བྱས་ཡིན་ཀྱང་། མ་ལ་ལྟུང་བྱེད་དུ་བཤད་ཟིན་པས། མའི་ཐུན་མོང་མ་ཡིན་པའི་ཉེས་བྱས་གཉིས་ནི། ཤམ་ཐབས་སྐེད་པ་སྣང་བར་བགོ་བ་དང། འཁྲིག་པའི་འདོད་ཆགས་མངོན་གྱུར་པ་དང་ལྡན་བཞིན་དུ་ཁྱིམ་གཞན་དུ་འགྲོ་བ་སྟེ་དེ་གཉིས་དང་བཅས་པས་དགེ་སློང་མ་ལ་ཡང་ཉེས་བྱས་ཀྱི་གྲངས་བརྒྱ་དང་བཅུ་གཉིས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་ཉེས་བྱས་བརྒྱ་དང་བཅུ་གཉིས་

|; |@@@ | | }}