24893
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ༡ ལྷུང་བཟེད་འཆང་བ་དང་། ༢ གོས་བྱིན་གྱིས་མི་རློབ་པའི་སྤང་བ་དང་། ༣ གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང་། ༤ སྲ་བརྐྱང་འབྱིན་པའི་སྤང་བ་དང་། ༥ སྲ་བརྐྱང་མི་འབྱིན་པའི་སྤང་བ་དང་། ༦ རིན་པོ་ཆེ་སློང་བའི་སྤང་བ་དང་། ༧ གོས་ཟ་བའི་སྤང་བ་དང་། ༨ གོས་རྒྱུ་ཟ་བའི་སྤང་བ་དང་། ༩ མལ་ཆའི་རྒྱུ་ཟ་བའི་སྤང་བ་དང་། ༡༠ དབྱར་ཁང་གི་རྒྱུ་ཟ་བའི་སྤང་བ་དང་། ༡༡ སྐྱེ་བོ་མང་པོ་ལ་བསྔོས་པ་དང་དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བ་དང་། ༡༢ བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བ་དང་། ༡༣ གོས་ལྕི་བ་བསྟེན་པའི་སྤང་བ་དང་། ༡༤ གོས་ཡང་བ་བསྟེན་པའི་སྤང་བའི་ལྟུང་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
| Domain | ཆོས་ལུགས། |