24896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཅི་ཡང་རུང་བ་ལེན་པ་དང་། དེ་ལེན་དུ་འཇུག་པའི་ལྷག་མ་གཉིས་ནི་རིམ་བཞིན་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལས་འཁྲིག་པའི་ཆོས་ཀྱི་ཕྱིར་ནོར་ཅི་ཡང་རུང་བ་ལེན་པ་དང་། དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལས་འཁྲིག་པའི་ཕྱིར་ནོར་ཅི་ཡང་རུང་བ་ལེན་པ་ལ་ཉེས་པ་མེད་དོ། །ཞེས་གོ་བར་བྱས་ཏེ་ལེན་དུ་འཇུག་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་དང་དེའོ། །མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བའི་ལྷག་མ་ནི་དགེ་སློང་མ་གང་ཁྲིམས་གྲོགས་ཀྱི་དགེ་སློང་གཞན་མེད་པར་མཚམས་ཀྱི་ཕྱི་རོལ་ཏུ་མཚན་མོ་གནས་པ་དང་། ཉིན་མོ་གནས་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་དང་དེའོ། །ལམ་དུ་འགྲོ་བ་དང་ཆུ་བོ་བརྒལ་པའི་ལྷག་མ་གཉིས་ནི་ཁྲིམས་གྲོགས་ཀྱི་དགེ་སློང་མ་གཞན་མེད་པར་འགྲོན་ལམ་དུ་འགྲོ་བ་དང་། ཆུ་བོའི་ཕ་རོལ་ཏུ་རྐྱལ་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་དང་དེའོ། །རབ་ཏུ་འབྱིན་པའི་ལྷག་མ་ནི་རྒྱལ་པོ་དང་། རང་གི་ཁྱོ་དང་། དམག་ཚོགས་ཀྱིས་གསོད་པར་རྒོལ་བའི་བུད་མེད་གང་དགེ་སློང་མས་རབ་ཏུ་འབྱུང་བར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་དང་དེའོ། །གོ་བ་དེ་དྲིལ་ན་རབ་ཏུ་འབྱུང་བར་མི་འོས་པའི་བུད་མེད་དགེ་སློང་མས་རབ་ཏུ་འབྱུང་བར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བ་ལྟ་བུའོ། །ཤི་བའི་ནོར་ལེན་པའི་ལྷག་མ་ནི། དགེ་སློང་མས་རིགས་བརྒྱུད་སོགས་མེད་པའི་མི་ཤི་བའི་ནོར་ལེན་པའི་བཅས་པའི་ཁ་ན་མ་ཐོ་བ་ལྟ་བུའོ། །རིགས་བརྒྱུད་སོགས་ཡོད་ན་སྦོམ་པོར་བཞག་གོ ། བཟོད་པ་གསོལ་དུ་འཇུག་པའི་ལྷག་མ་ནི། དགེ་སློང་མའི་དགེ་འདུན་གྱིས་གནས་དབྱུང་བ་བྱས་པའི་དགེ་སློང་མ་མཚམས་ཀྱི་ཕྱི་རོལ་ན་གནས་པ་དགེ་སློང་མ་གཞན་གྱིས་བཟོད་པ་གསོལ་དུ་འཇུག་པའི་བཅས་པའི་ཁ་ན་མ་ཐོ་བ་ལྟ་བུའོ། །དེ་ལྟར་དགུ་པོ་དེའི་སྟེང་དུ་བསྒོ་གྱུར་གྱི་སྐབས་སུ་བཤད་པའི་སྤོང་བའི་ལྷག་མ་དཀོན་མཆོག་གཏོང་བ་དང་། འཐབ་ཀྲོལ་བྱེད་པ་དང་། སྡེ་ཞིང་གནས་པ་དང་། སྡེ་ཞིང་གནས་སུ་འཇུག་པ་དང་བཅས་པས་དགེ་སློང་མའི་ཐུན་མོང་མ་ཡིན་པའི་ལྷག་མ་བཅུ་གསུམ་མོ། །དེ་དག་གི་སྟེང་དུ་གཞི་མེད་པ་དང་། བག་ཙམ་དང་། སྨྱན་བྱེད་པ་དང་། དགེ་སློང་མའི་དབྱེན་བྱེད་པ་དང་། རྗེས་སུ་ཕྱོགས་པ་དང་། སྐུར་བ་འདེབས་པ་དང་། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་བཅས་ཐུན་མོང་བ་བདུན་བསྣན་པས་དགེ་སློང་མའི་རྟེན་ལ་འབྱུང་བའི་ལྷག་མ་ཉི་ཤུ་ཐམ་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་

|; |@@@ | | }}