24897

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་ (1)
Part of speech མིང་ཚིག
Definition དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། ༡ དགེ་སློང་མ་སྨྱན་བྱེད་པའི་ལྷག་མ། ༢ ལྟུང་བ་མེད་པ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པའི་ལྷག་མ། ༣ བག་ཙམ་གྱི་ལྷག་མ། ༤ སྐྱེས་པ་ཆགས་པར་གྱུར་པ་བདག་གིར་བྱེད་པའི་ལྷག་མ། ༥ སྐྱེས་པ་ཆགས་པར་གྱུར་པའི་ལས་ཅི་ཡང་རུང་བ་བདག་གིར་བྱ་བའི་ལྷག་མ། ༦ གཅིག་པུ་མཚན་མོ་དབྱར་ཁང་ནས་འབྲལ་བར་བྱེད་པའི་ལྷག་མ། ༧ གཅིག་པུ་ཉིན་པར་དབྱར་ཁང་ནས་འབྲལ་བར་བྱེད་པའི་ལྷག་མ། ༨ གཅིག་པུ་ལམ་དུ་ཞུགས་པའི་ལྷག་མ། ༩ གཅིག་པུ་ཆུ་ཀླུང་གི་ཕ་རོལ་ཏུ་བརྒལ་བའི་ལྷག་མ། ༡༠ དགེ་སློང་མ་གང་བུད་མེད་གང་ཞིག་ཚོགས་པ་ཡིད་མཐུན་པ་དག་བདག་པོས་ཡོངས་སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བ་ཤེས་བཞིན་དུ་རབ་ཏུ་འབྱིན་པའི་ལྷག་མ། ༡༡ དགེ་སློང་མ་གང་དགེ་སློང་མ་ཞིག་ལ་དགེ་སློང་མའི་དགེ་འདུན་མཐུན་པས་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་བཟོད་པ་གསོལ་དུ་འཇུག་པའི་ལྷག་མ། ༡༢ དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་པའི་ལྷག་མ། ༡༣ དགེ་སློང་མ་གང་འཐབ་དཀྲོལ་བྱེད་པའི་ལྷག་མ། ༡༤ དགེ་སློང་མ་གང་བུད་མེད་དང་གཞོགས་སྟེགས་དང༌། འཕྱར་གཡེང་དང༌། རྩབ་ཧྲལ་དག་གིས་སྡེ་ཞིང་གནས་པར་བྱེད་པ་མི་གཏོང་བའི་ལྷག་མ། ༡༥ དགེ་སློང་མ་གང་དགེ་འདུན་མཐུན་པར་དབྱེ་བའི་ལྷག་མ། ༡༦ ཐ་དད་དུ་གནས་པར་བྱེད་པའི་ལྷག་མ། ༡༧ དགེ་འདུན་མཐུན་པ་དབྱེ་བའི་ལྷག་མ། ༡༨ དགེ་སློང་མ་མི་མཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་པའི་ལྷག་མ། ༡༩ གྲོང་ངམ། གྲོང་རྡལ་དུ་གནས་ནས་ཁྱིམ་སུན་འབྱིན་པའི་སྡིག་པའི་ཆོས་མི་གཏོང་བའི་ལྷག་མ། ༢༠ བཀའ་བློ་མི་བདེ་བའི་རང་བཞིན་ཅན་གྱི་ལྷག་མ་བཅས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་

|; |@@@ | | }}