24899

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་དབྱར་ཁང་གི་རྒྱུ་ཟ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི། ཚེས་བརྒྱད་དང་བཅོ་ལྔ་ལ་ཁྱིམ་བདག་གི་ཆུང་མ་མང་པོས་ཆོས་མཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་ན། ཆར་བབ་པས་དབྱར་ཁང་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ། །དེ་ནས་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ། དབྱར་ཁང་བཅོས་པའི་ཕྱིར་ཀརྵ་པ་ན་མང་པོ་བྱིན་པ་དེ་དག་བཙོངས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་བྱས་ཏེ་ཟོས་པ་ལས་དབྱར་ཁང་གི་རྒྱུ་ཟ་བའི་སྤང་བར་བཅས་སོ། །དགག་བྱ་ནི་ཟས་ལ་ཆགས་པ་འཕེལ་བའོ། །དགེ་སློང་མས་དབྱར་ཁང་གི་ཆེད་དུ་རྙེད་པའི་དངོས་པོ་གོས་ལས་གཞན་པ་གང་ཡང་རུང་བ་དེ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དབྱར་ཁང་གི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བསྒྱུར་ཏེ་ཟ་བའི་ཕྱིར་འཇོག་པ་ནི་སྤང་ལྟུང་དུ་འགྱུར། ཞེས་པཎ་ཆེན་གྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་མའི་དབྱར་ཁང་གི་རྒྱུ་ཟ་བའི་སྤང་ལྟུང་

|; |@@@ | | }}