2490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོ་ (1)
Part of speech མིང་ཚིག
Definition ཀོ་བའི་མིང་བསྡུས་པ།
Example གཡག་གི་ཀོ་བ་ལ་གཡག་ཀོ་དང་། རྟའི་ཀོ་བ་ལ་རྟ་ཀོ་དང་། ཕག་གི་ཀོ་བ་ལ་ཕག་ཀོ་ཞེས་པ་ལྟ་བུ།
ཀོ་ (1)
Part of speech ཕྲད་ཚིག
Definition དགར་བ་དང་བརྣན་པའི་སྐབས་ཀྱི་ནི་སྒྲའི་འཇུག་ཚུལ་དང་ཕྱོགས་འདྲ་བའི་ཚིག་ཕྲད་ཅིག་སྟེ། འདི་ནི་ཞེས་པ་ལ་འདི་ཀོ་དང་། དེ་ནི་ཞེས་པ་ལ་དེ་ཀོ་དང་། ད་ནི་ལ་ད་ཀོ་ཞེེས་འབྲི་བ་ལྟ་བུ་ཡིན།
Example རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པར། རང་བཞིན་མེད་ལ་བཀྲི་བའི་སྒོ། །བླ་མེད་རྟེན་ཅིང་འབྲེལ་འབྱུང་གི །མིང་ཉིད་ཀྱིས་ནི་རང་བཞིན་དུ། །འཛིན་ན་ད་ཀོ་སྐྱེ་བ་འདི། །ཞེས་པ་ལྟ་བུ།