24900

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་ཕམ་པ་བརྒྱད་ (1)
Part of speech མིང་ཚིག
Definition འདུལ་བ་མདོའི་རྣམ་པར་བཤད་པ་དགེ་སློང་མའི་རྣམ་པར་འབྱེད་པ་སྟོན་པ་ལས་བྱུང་བ་སྟེ། མི་ཚངས་སྤྱོད། མ་བྱིན་ལེན། སྲོག་གཅོད་པ། བརྫུན་སྨྲ་བ་དེ་བཞི་ནི་དགེ་སློང་ཕ་དང་ཐུན་མོང་བར་སྟོན་པའོ། །རེག་པ་ཞེས་པ་དགེ་སློང་རེག་ན་དགེ་འདུན་གྱི་ལྷག་མར་འགྱུར་བ་དགེ་སློང་མར་ཕ་མར་འགྱུར་བ། ལུས་འདོར་ཞེས་པ་ལུས་འདོར་བ་དགེ་སློང་ཕ་མི་ཚངས་སྤྱོད་པའི་སྦྱོར་བར་འགྱུར་བ་ནི་དགེ་སློང་མ་ལུས་འདོར་བའི་ཕམ་པར་འགྱུར་བ། འཆབ་པ་ནི་དགེ་སློང་ཕ་ཕས་ཕམ་པ་འཆབ་ན་ལྟུང་བ་ཡིན་ལ་དགེ་སློང་མ་འཆབ་པའི་ཕམ་པར་འགྱུར་བ། རྣམ་པར་ཟློག་པ་ཞེས་པ་ནི་དགེ་སློང་ཕ་བཀར་བ་དང་མཐུན་པར་བྱེད་པའི་ལྟུང་བ་ནི་དགེ་སློང་མས་དགེ་འདུན་གྱིས་བཟློག་པ་མི་གཏོང་ན་ཕམ་པར་འགྱུར་བ་དང་བཞི་ནི་ཐུན་མོང་མ་ཡིན་པར་སྟོན་པའོ། །
Domain ཆོས་ལུགས།