24901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་ཕམ་པར་འགྱུར་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། མི་ཚངས་སྤྱོད། རྐུ་བ། མི་གསོད་པ། བརྫུན་དུ་སྨྲ་བ། ས་གའི་བུའི་གཏམ་རྒྱུད་དང་སྦྱར་བ་དགེ་སློང་མ་ཆགས་པར་གྱུར་པས། སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་པུས་མོ་ཡན་ཆད། མིག་མན་ཆད་ཀུན་ཏུ་སྤྲད་པ་ཉམས་སུ་མྱོང་བ། སྤོས་ཚོང་གི་ཁྱེའུའི་གཏམ་རྒྱུད་དང་སྦྱར་བ་དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་སོགས་གང་དུ་སྐྱེས་པས་བུད་མེད་བགྲོད་རུང་བའི་དེ་ལྟ་བུའི་ཕྱོགས་སུ་ལུས་བཀན་པ་གཞི་བརྒྱད་པོའི་གནས་འདི་ལྟ་བུ་དགེ་སློང་མས་བྱས་པ། མཛའ་མོའི་གཏམ་རྒྱུད་དང་སྦྱར་བ་དགེ་སློང་མ་ཕམ་པར་གྱུར་པ་ཤེས་བཞིན་དུ་འཆབ་པར་བྱེད་པ། གྲེ་སྐྱེས་པ་སྟེ་དགེ་སློང་གྲེ་སྐྱེས་ཀྱི་གཏམ་རྒྱུད་དང་སྦྱར་བ་དགེ་སློང་མ་དགེ་འདུན་མཐུན་པས་གནས་ནས་དབྱུང་བའི་ལས་བྱས་ཏེ་དགེ་སློང་མའི་དགེ་འདུན་མཐུན་པས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན། སྐྲ་འཕྱར་བར་གྱུར་ཅིང། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མི་བྱེད། འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བ་ཤེས་བཞིན་དུ་དེ་ལ་དགེ་སློང་མས་འདི་སྐད་ཅེས། འཕགས་པ་ཁྱོད་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང། དགེ་སློང་གི་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག འབྱུང་བར་མ་སྐྱོད་ཅིག ། མཚུངས་པ་ཉེ་བར་མ་སྟོན་ཅིག མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག བདག་གིས་འཕགས་པ་ཁྱོད་ལ་ལྷུང་བཟེད་དང། ཆོས་གོས་དང། དྲ་བ་དང། ཕོར་བུ་དང། སྐ་རགས་དང། བཀླག་པ་དང། ཁ་ཏོན་བྱ་བ་དང། རྣལ་འབྱོར་དང། ཡིད་ལ་བྱ་བ་དང། འཕགས་པ་ལ་ཅི་དང་ཅི་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་གནས་ནས་དབྱུང་བའི་རྗེས་སུ་ཕྱོགས་པའི་གཞི་འདི་ལྟ་བུ་ཐོང་ཞིག་ཅེས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བས་མི་གཏོང་ན་ཕམ་པར་གྱུར་པ་དང་བརྒྱད་དོ། །
Domain ཆོས་ལུགས།