24918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་རྙེད་པ་རྣམས་གསོག་པར་བྱེད་ཅིང་། བདག་ཉིད་ཀྱང་སྤྱད་པར་མི་བྱེད། གཞན་ལ་ཡང་སྦྱིན་པར་མི་བྱེད་པ་ལས་བཅས་སོ། །དགག་བྱ་ནི་སྣོད་སྤྱད་ལ་ཆགས་པ་འཕེལ་བའོ། །དགེ་སློང་མས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་བརླབས་པ་ལས་ལྷག་པ་དེ་བྱིན་རླབས་གང་ཡང་མེད་པར་ཞག་གཅིག་ལས་འདས་པར་འཆང་བ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མས་ལྷུང་བཟེད་ལྷག་པོ་ཞག་གཅིག་ལས་འདས་པར་འཆང་བའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |