24921
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། ༡ ཕམ་པར་འགྱུར་བའི་ཆོས་བརྒྱད། ༢ དགེ་འདུན་ལྷག་མའི་ཆོས་ཉི་ཤུ། ༣ སྤང་བའི་ལྟུང་བྱེད་ཆོས་སུམ་ཅུ་སོ་གསུམ། ༤ ལྟུང་བྱེད་ཀྱི་ཆོས་བརྒྱ་དང་བརྒྱད་ཅུ། ༥ སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག། ༦ བསླབ་པའི་ཆོས་བརྒྱ་དང་བཅུ་གཉིས། ༧ རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་བཅས་སོ། ། |
| Domain | ཆོས་ལུགས། |