24923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མའི་སོར་བཤགས་བཅུ་གཅིག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་མའི་སོར་བཤགས་ནི། ནད་པ་མ་ཡིན་པས་རང་གི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུང་བ་ནི། འོ་མ་སློང་བའི་སོར་བཤགས་དང། དེ་བཞིན་དུ་ཉེ་དུ་མ་ཡིན་པའི་ཁྱིམ་ནས་ཞོ་དང་། མར་དང། ཞུན་མར་དང། འབྲུ་མར་དང། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་རྣམས་རིམ་བཞིན་བདག་གི་དོན་དུ་བསླངས་ཏེ་འཐུང་ངམ་ཟོས་པ་ནི། ཞོ་སློང་བའི་སོར་བཤགས་ནས། ཤ་སྐམ་སློང་བའི་སོར་བཤགས་ཀྱི་བར་དུ་བརྗོད་དོ། །སྔར་མགྲོན་དུ་མ་བོས་པར་ཁྱིམ་གྱི་བསླབ་པ་སྦྱིན་པའི་ཁྱིམ་ནས་བཅའ་བ་དང་ཟ་བ་དག་བསླངས་ཤིང་ཟ་བ་ནི། དམག་དཔོན་སེངྒེའི་གླེང་གཞི་ལས་བསྟན་པ་གང་ཡིན་པ་དེ་ཉིད་དང་མཐུན་པས་སེངྒེ་ལས་གྱུར་པའི་སོར་བཤགས་ཞེས་བྱའོ། །འདིར་དཔྱོད་ལྡན་ལ་དོགས་པ་འདི་འབྱུང་སྟེ། སྐབས་འདིའི་འོ་མ་སློང་སོགས་ལྟུང་བ་བཅུ། །དགེ་སློང་ཕ་ལ་ལྟུང་བྱེད་འབའ་ཞིག་པར། །བཤད་པའི་བསོད་པ་སློང་བ་དེ་མིན་ནམ། །དེ་ལ་འདིར་ནི་བཅུར་དབྱེའི་རྒྱུ་མཚན་ཅི། དེ་ལྟར་བཤད་པའི་སོར་བཤགས་བཅུ་པོ་དེ་དགེ་སློང་མའི་ཐུན་མོང་མ་ཡིན་པ་དང་། སོར་བཤགས་བཅུ་གཅིག་པ་དགེ་སློང་ཕའི་སོར་བཤགས་གསུམ་པ་དང་དོན་འདྲ་བས་ཐུན་མོང་པ་དང་། གྲོང་དང་ཁྱིམ་གཞན་སོགས་གཞན་གསུམ་ནི་ཕའི་ཐུན་མོང་མ་ཡིན་པའི་སོར་བཤགས་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།