24930
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྤོམ་དགའ་མོས་སྲ་བརྐྱང་དུས་ཀྱི་སྔ་རོལ་ཏུ་ཕྱུང་བ་ལས་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་དགེ་འདུན་མ་ལ་གནོད་པའོ། །དགེ་སློང་མས་སྲ་བརྐྱང་བཏིང་བ་ལ་མ་ཞིག་པ་དེ་དུས་ཀྱི་སྔ་རོལ་ཏུ་རྐྱེན་མེད་པར་གསོལ་བཞིའི་ལས་ཀྱིས་ཕྱུང་ན་སྤང་བའི་ལྟུང་བྱེད་དོ། །སྐབས་འདིར་ཊཱི་ཀ་ལས་སྲ་བརྐྱང་འབྱིན་པའི་དགེ་འདུན་མ་ཐམས་ཅད་ལ་སོ་སོར་སྤང་བའི་ལྟུང་བྱེད་རེ་རེར་འགྱུར་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་མའི་དགེ་འདུན་གྱི་དཔྱིད་ཟླ་ར་བའི་ཡར་ཚེས་བཅོ་ལྔའི་སྔ་རོལ་དུ་ཆོམ་རྐུན་གྱིས་བཅོམ་པའི་སྐབས་མ་གཏོགས་པ་སྲ་རྐྱང་འབྱིན་པའི་ལྟུང་བ་དེ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |