24953
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་གསུམ་པ་ལས་བྱུང་བ་སྟེ། ༡ མིང་གི་དགེ་སློང་ནི། གང་མིང་དང་མིང་དུ་བརྗོད་པ་དང་། ངེས་ཚིག་དང་བཏགས་པ་དང་རིག་བྱེད་དང་། ཐ་སྙད་དུ་དགེ་སློང་ཞེས་བྱ་བ་དང་། དགེ་སློང་གི་རིགས་དང་། སྤྱིར་དགེ་སློང་ཞེས་བརྗོད་པའོ། །༢ ཁས་འཆེས་པའི་དགེ་སློང་ནི། དགེ་སློང་མ་ཡིན་བཞིན་དུ་དགེ་སློང་ཞེས་བདག་ཉིད་ཁས་འཆེ་ཞིང་རྐུན་མར་གནས་བཞིན་དུ་དགེ་སློང་ཞེས་ཁས་འཆེ་བའོ། །༣ སློང་བས་ན་དགེ་སློང་ནི། གང་ཆོས་དང་ལྡན་པར་སློང་ཞིང་འཚོ་བར་བྱེད་པའོ། །༤ ཉོན་མོངས་པ་བཅོམ་པའི་དགེ་སློང་ནི། གང་གི་ཟག་པ་དང་བཅས་པའི་ཀུན་ནས་ཉོན་མོངས་པ་ཡང་སྲིད་པར་ནད་དང་སྡུག་བསྔལ་ཀུན་འབྱུང་བ་དང་། མ་འོངས་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དེ་དག་སྤངས་ཤིང་ཡོངས་སུ་ཤེས་པར་གྱུར་ཅིང་རྩ་བ་ནས་བཅད་དེ། ཤིང་ཏ་ལ་མགོ་བཅད་པ་བཞིན་དུ་མ་འོངས་པའི་སྐལ་པ་མཉམ་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་སྟེ། འདི་ནི་ཉོན་མོངས་པ་བཅོམ་པས་ན་དགེ་སློང་ཞེས་བྱ་བའོ། ། |
Domain | ཆོས་ལུགས། |
{{#arraymap:དགེ་སློང་རྣམ་པ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དོན་དམ་པའི་དགེ་སློང་ནི། སངས་རྒྱས་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་ཡོན་ཏན་ཆེན་པོ་དང་ལྡན་པ་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ། རང་སངས་རྒྱས་ཀྱི་བྱང་ཆུབ། དགྲ་བཅོམ་པ། ཕྱིར་མི་འོང་བ། ལན་གཅིག་ཕྱིར་འོང་བ། རྒྱུན་དུ་ཞུགས་པ་སྟེ། གང་ཟག་རྣམ་པ་བདུན་པོ་འདི་དག་ནི་དོན་དམ་པའི་དགེ་སློང་དུ་བསྡུ་བ་དང༌། སྐྱེ་བོ་གང་ཁྱིམ་ན་གནས་ཤིང་སྐྲ་དང༌། ཁ་སྤུའང་མ་བྲེགས། ཆོས་གོས་ཀྱང་མི་གྱོན། རབ་ཏུ་བྱུང་བ་སོ་སོར་ཐར་པའི་ཚུལ་ཁྲིམས་ཐམས་ཅད་ཀྱང་མ་མནོས། གསོལ་བ་དང༌། ཞུ་བའི་ལས་དང༌། གསོ་སྦྱིན་དང༌། ཚུལ་གྱི་ལས་ཐམས་ཅད་ཀྱི་ནང་དུ་མི་ཆུད་མོད་ཀྱི། འཕགས་པའི་ཆོས་དང་ལྡན་ལ་འཕགས་པའི་འབྲས་བུ་ཐོབ་པས་ན་དེའང་དོན་དམ་པའི་དགེ་སློང་དུ་བསྡུས་ཏེ། དེ་དག་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། ། ཀུན་རྫོབ་ཀྱི་དགེ་སློང་ནི། སྐྲ་དང༌། ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ཅིང་རབ་ཏུ་བྱུང་ལ་སོ་སོར་ཐར་པའི་ཚུལ་ཁྲིམས་དང་ལྡན་ན་དེ་ནི་ཀུན་རྫོབ་ཀྱི་དགེ་སློང་ཞེས་བྱའོ། ། ལུག་ལྐུགས་པ་ལྟ་བུའི་དགེ་སློང་ནི། རྩ་བའི་སྡིག་ལ་སོགས་པ་ཉམས། མ་ཉམས་པའང་མི་ཤེས། །ལྕི་བ། ཡང་བའང་མི་ཤེས། ཉེས་པ་ཕྲ་མོ་རྣམ་པ་སྣ་ཚོགས་བྱས་ཀྱང་འགྱོད་ཅིང་མཐོལ་མི་ཤེས། ཉེས་པ་བྱས་པ་ལ་སླ་གྱད་བྱེད་ཅིང་སྡིག་པ་ཕྲ་མོ་ལ་མི་ལྟ། མི་འཇིགས། མཁས་པའི་སྐྱེས་བུ་ལ་ནི་མི་སྟེན། སྐབས་སྐབས་སུ་མང་དུ་ཐོས་པ་ཤེས་རབ་དང་ལྡན་པ་ལ་བསྙེན་བཀུར་དང༌། གཡོག་ཀྱང་མི་བྱེད། བསྟི་སྟང་དང་བཅས་ཏེ་ཞུ་ཞིང་འདྲི་བའང་མི་ཤེས། དགེ་བ་ནི་གང༌། མི་དགེ་བ་ནི་གང༌། སྡིག་པ་ནི་གང༌། སྡིག་པ་མེད་པ་ནི་གང༌། གང་བྱས་ན་ལེགས། གང་བྱས་ན་མ་ལེགས་པའང་ཞུ་བ་དང༌། འདྲི་བ་མི་བྱེད་པའི་གང་ཟག་དེ་དག་ནི་ལུག་ལྐུགས་པ་ལྟ་བུའི་དགེ་སློང་དུ་བསྡུས་ཏེ། ལུག་ལྐུགས་བ་ལྟ་བུའི་དགེ་སློང་ཞེས་བྱའོ། །ཁྲེལ་བ་དང༌། ངོ་ཚ་བ་མེད་པའི་དགེ་སློང་ནི། སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་ཕྱོགས་ཏེ་རབ་ཏུ་བྱུང་ངོ༌། །རབ་ཏུ་བྱུང་ནས་སོ་སོར་ཐར་པའི་ཚུལ་ཁྲིམས་སྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་བ་དང༌། ངོ་ཚ་བ་མེད་པ་ལ་འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་མི་ལྟ། མི་འཇིགས། ཁོང་རུལ་ཞིང་བཙོག་པས་གང་བའི་སྲིན་ཀྭ་ལྭ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་དང་ལྡན་པ། རྟག་ཏུ་རྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ། སེར་སྣ་དང༌། ཕྲག་དོག་དང༌། གཏི་མུག་དང༌། ང་རྒྱལ་གྱིས་མངོན་པར་ཟིན་ཏེ། ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་དུ་གྱུར་པ་ཁེ་དང༌། བཀུར་སྟི་དང༌། གྲགས་པ་ལ་ཆགས་ཏེ་ཡུལ་དྲུག་ལ་མོས་པ། འདོད་ཆགས་ཀྱིས་གཡེངས་པ། གཟུགས་དང་། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཡུལ་ལ་ཆགས་པའི་གང་ཟག་དེ་དག་ནི་ཁྲེལ་བ་དང༌། ངོ་ཚ་བ་མེད་པ་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་བའི་ནང་དུ་བསྡུས་ཏེ། དེ་ནི་ཁྲེལ་བ་དང་། ངོ་ཚ་བ་མེད་པའི་དགེ་སློང་ཞེས་བྱའོ། ། |
{{#arraymap:དགེ་སློང་རྣམ་པ་བཞི་
|; |@@@ | | }}