24970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལ་སྤྱོད་པའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར་དགེ་སློང་ལྷ༷་སྦྱིན་བདེ་ཞེས་བྱ་བ་ཞིག་ལས་དང་པོའི་རྣལ་འབྱོར་གྱི་སར་སློབ་པའི་ཚེ། གཞན་རྣལ་འབྱོར་པ་དོན་མཐོང་བ་མང་པོ་འདུས་ནས་ངེས་དོན་གསང་བའི་དོན་ཟབ་མོ་གླེང་བར་བྱེད་པ་ན། ལྷ༷་སྦྱིན་འཁོར་བཅས་དེ་ལས་གཞན་དུ་བྱོལ་ནས། ངེས་དོན་གླེང་པ་ལ་མི་དགའ་ཞིང་ནོར་བའི་སེམས་ཀྱིས་མཁས་པ་དེ་དག་ལ་ཕྲག་དོག་སྐྱེས་ཏེ་རང་གི་གནས་སུ་དོང་ནས་ངན་པའི་ཚིག་ཏུ་བརྗོད་པའི་ལས་དེ་ཡིས་མཐུས་བསྐལ་པ་དཔག་ཏུ་མེད་པ་ཉིད་དུ། ཡང་དག་པའི་དོན་ལས་གོལ་ནས་ལོག་པའི་སྡེ་ཡི་རིགས་འཛིན་པར་འཁྱམས་པའི་སྐོར། མདོ་དགོངས་པ་འདུས་པར་གསང་སྔགས་ཟབ་མོའི་དོན་ལ་བྱོལ་ནས་ལྟུང་བའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། ། |