24986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་། །ཞེས་གསུངས་པ་ལྟར་གྱི་བཅུ་དང་། རྩ་བའི་ཆོས་དྲུག་ནི་རྒྱ་ཆེར་འགྲེལ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །ཞེས་དང་། རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམ་གྱི་སྤུ་ནི་དྲེག་མི་བྱ། །ས་ནི་རྐོ་བར་མི་བྱ་སྟེ། །རྩ་སྔོན་དག་ཀྱང་བཅད་མི་བྱ། །བྱིན་ལེན་མ་བྱས་ཟ་མི་བྱ། །གསོག་འཇོག་བྱས་པ་ཟ་མི་བྱ། །ཞེས་གསུངས་པའི་བསླབ་པ་རྣམས་ལས་འདས་ན་བླངས་འདས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས། དགེ་སློབ་མའི་བསླབ་བྱ་ནི། རྩ་བའི་ཆོས་དྲུག་དང། རྗེས་སུ་མཐུན་པའི་ཆོས་དྲུག་སྡོམ་པ་སྟེ། རྒྱ་ཆེར་འགྲེལ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང། །ཁ་ན་མ་ཐོ་བཅབ་མི་བྱ། །ཞེས་པ་དང། གསེར་ལ་བཟུང་བ་མི་བྱ་ཞིང། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་རྐོ་བར་མི་བྱ་སྟེ། །རྩ་སྔོན་དག་ནི་བཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །ཞེས་གསུངས། |
| Domain | ཆོས་ལུགས། |