24994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགོ་བ་ (1)
Part of speech མིང་ཚིག
Definition རི་དྭགས་ཤིན་ཏུ་མགྱོགས་པ་ཤིག་སྟེ། གཟུགས་ཆུང་ཞིང་སུག་བཞི་ཕྲ་ལ་ཐུང་བ་དང་མགོ་བོ་ཆུང་ལ་སྐེ་རིང་བ་དང་། རྣ་བ་གཉིས་ཅུང་ཟད་ཆེ་ཞིང་མཇུག་མ་ཐུང་ཐུང་ཡིན། མཆུ་ཏོའི་ལོགས་སུ་སྤུ་ཐུང་ངུ་ཡོད་པ་མ་གཏོགས་མཆུ་ནས་སྣའི་བར་སྤུ་མེད། ལུས་སྤྱིའི་སྤུ་མདོག་གྲོ་དཀར་ཡིན་ཞིང་མཇུག་མའི་སྤུ་ནག་སྐྱ་ཡིན། མགོ་བོ་དང་སྐྱེ་རྒྱབ་གཞུང་བཅས་ཀྱི་སྤུ་མདོག་ཁམ་སྐྱ་ཡིན། འཕོངས་སུ་སྤུ་དཀར་པོ་སྒོར་ཆེན་ཞིག་སྐྱེས་ཡོད་པ་དེའི་མཐའ་ཁམ་ནག་ཡིན་པ་དང་། སུག་བཞི་དང་གསུས་པའི་ལོགས་ཀྱི་སྤུ་རྣམས་དཀར་ཤས་ཆེ་བ་ཡོད། ཕོ་ལ་རྭ་ནག་པོ་རིང་ཐུང་མཐོ་གང་ལྷག་ཙམ་ཡོད་པའི་དབྱིབས་དང་གཉེར་མ་འབུར་དུ་དོན་པ་ཡོད། རྒྱུན་དུ་ས་མཐོའི་སྤང་ལྗོངས་སུ་བཞི་ལྔ་ནས་བཅུ་ཁྱུ་བྱས་ཏེ། ས་ཆ་ངེས་ཅན་ཞིག་ཏུ་སྡོད་པ་ཡིན། སྐབས་རེ་རྩྭ་ཆུ་འཛོམས་པའི་ས་ཆ་ལ་གནས་སྤོ་བྱེད། མིག་དང་རྣ་བ་ཤིན་ཏུ་རྣོ། ཟས་སུ་རྩྭ་ལྡུམ་སྣ་ཚོགས་ཟ། དགུན་མཇུག་ཏུ་འཁྲིག་སྦྱོར་བྱས་ནས་ཕྱི་ལོའི་ཟླ་ལྔ་པར་ཕྲུ་གུ་བཙའ། བཙའ་ཐེངས་རེ་ལ་ཕྲུ་གུ་གཅིག་རེ་དང་། རེ་འགར་གཉིས་བཙའ་བའང་ཡོད་དོ། །